༄༅། ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཅེས་བྱ་བ་འདི་ནི། རྒྱ་ཆེ་བ་པཎ་ཊི་ཏའི་ལུགས་ཀློང་ཆེན་མཛོད་བདུན་དང་ཟབ་པ་ཀུ་ས་ལིའི་ལུགས་སྙིང་ཐིག་ཡ་བཞི་གཉིས་ཀྱི་དགོངས་པ་གཅིག་ཏུ་དྲིལ་བའི་ཟབ་ཆོས་ཚེ་ལུས་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱེད་པ་ཞིག་ཡིན་ལ། དེའི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་འདི་ནི་སྐྱེས་བུ་གསུམ་གྱི་ལམ་རིམ་ཆ་ཚང་བར་མ་ཟད་མན་ངག་གི་གནད་ཁྱད་པར་ཅན་དང་ལྡན་པས་ཐར་འདོད་རྣམས་ཀྱིས་ངེས་པར་ཉམས་སུ་བླང་བར་བྱ་བ་ཡིན་ཞིང་། ཁྱད་པར་དུ་དེང་དུས་སུ་སྔོན་འགྲོས་རྒྱུད་མ་སྦྱང་བར་དང་པོ་ཉིད་ནས་ཕྱག་ཆེན་རྫོགས་ཆེན་སོགས་ཀྱི་དངོས་གཞི་ལ་མཐོ་སྙེགས་བྱས་པས་ཆོས་དང་གང་ཟག་སོ་སོར་སོང་བ་མང་བས། ཐམས་ཅད་ཀྱིས་ཐོག་མ་ཁོ་ནར་འདི་ཉིད་ཉམས་སུ་ལེན་པ་ཤིན་ཏུ་གལ་ཆེའོ།
ཟབ་ཆོས་འདིའི་ནང་དུ་བོད་ལ་དར་བའི་ས་དགེ་བཀའ་རྙིང་གི་ཁྲིད་ཡིག་རྣམས་དང་རྒྱ་ནག་ཏུ་དར་བའི་དག་ཞིང་པ་དང་། ཕལ་ཆེར། བསམ་གཏན་པའི་གྲུབ་མཐའ་སོགས་མདོ་སྔགས་ཐམས་ཅད་ཀྱི་ཉམས་ལེན་གྱི་གནད་རྣམས་འདུས་ཤིང་རིག་འཛིན་བརྒྱུད་པའི་བྱིན་རླབས་ཁྱད་པར་ཅན་དང་ལྡན་པ་ཡིན། ཆོས་འདི་ཚུལ་བཞིན་ཉམས་སུ་ལེན་པའི་སྐལ་བཟང་རྣམས་ལ་རྩ་གསུམ་ཆོས་སྐྱོང་སྲུང་མས་བྱིན་རླབས་དངོས་གྲུབ་ཆར་བཞིན་འབེབས་པར་མཛོད། །
ཆོས་འདིའི་བརྒྱུད་པ་ནི་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་ཉིད་ནས་གླུ་ཤུལ་མཁན་པོ་དཀོན་མེ། དེ་ནས་མཚན་བརྗོད་པར་དཀའ་བ་བླ་མ་རིན་པོ་ཆེ་བློ་གྲོས་ཀྱི་ཞལ་སྔ་ནས་བདག་ལ་བརྒྱུད་པ་ལགས། ད་ལན་འདི་ག་ནས་རྒྱ་ནག་གི་སྐད་ཡིག་ཏུ་བསྒྱུར་ཞུས་གཏན་ལ་ཕབ་པར་རྗེས་སུ་ཡི་རངས་བ་དང་ཆབ་ཅིག་བསྟན་འགྲོར་སྨན་པའི་ཤིས་སྨོན་བཅས། །
བོད་རབ་རྒྱན་ལྕགས་འབྲུག་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་སྟེ་རང་ལོ་རེ་བརྒྱད་དུ་སོན་པའི་དུས་དེར་ཤཱཀྱའི་དགེ་སློང་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག །
སྤྱི་ལོ༢༠༠༠་ལོའི་ཟླ་༢་ཚེས་༨་ལའོ།
序
大圆满龙钦宁提是集广大班智达派《龙钦七宝藏》及甚深古萨里派《四心滴》二者之密意于一体、即生可获得金刚持果位之甚深正法。
此《大圆满前行引导文·普贤上师言教》不仅完全包括了三士道次第,而且具有殊胜窍诀要点。因此,诸欲解脱者必须实修。尤其是当今时代许多人不经过前行修炼,却首先高攀大手印、大圆满等正行法,以致正法与补特伽罗背道而驰。所以,诸位首先唯一实修此前行至为重要。
此深法摄集了藏地兴盛的萨迦、格鲁、噶举、宁玛派的引导文及广弘于汉地的净土、华严、禅宗等一切显密修要,并且具有持明传承殊胜之加持。祈请三根本、护法神赐予如理修行此法之具缘者加持并普降成就甘露妙雨。
本法传承:华智仁波切传与乐喜堪布公美,彼传给喇嘛罗珠仁波切,大恩上师罗珠仁波切传与我。
对于此次译成汉文、校订并传讲,本人由衷随喜。同时,祝愿弘法利生事业吉祥圆满!
释迦比丘晋美彭措勇列致
于藏历铁龙年神变月初三自寿六十八岁之际
2000年2月8日